# bo/EZjO9IluMz5h.xml.gz
# srp/EZjO9IluMz5h.xml.gz


(src)="1"> ངས་ འཆི་ བའི་ སྐོར་ བཤད་ དགོས་ བསམས་ བྱུང ་ ། དེ་ ནི་ དེང་ གི་ དབྱིངས་ ཡིན་ པ་ ལྟ་ བུ་ འདུག དངོས་ ཡོད་ ཐོག་ འདི་ ནི་ འཆི་ བའི་ སྐོར་ མ་ རེད ། འཆི་ བ་ ནི་ འགོག་ ཐབས་ མེད་ པའི་ ཞེད་ སྣང་ ཆེན་ པོ་ ཞིག་ ཡིན་ ཀྱང ་ ། ངས་ དངོས་ ཡོད་ ཐོག་ བཤད་ འདོད་ པ་ ནི ། མི་ ཞིག་ འཇིག་ རྟེན་ དང་ བྲལ་ རྗེས་ སུ་ ཤུལ་ དུ་ བཞག་ པའི་ ཤུལ་ རྗས་ ཀྱི་ ང་ རང་ ཧང་ སངས་ བཅུག་ སོང་ བས ། ངས་ བཤད་ འདོད་ པའང་ དེའི་ སྐོར་ ཡིན ། དེར་ བརྟེན( Art Buchwald ) ་ ཡིས་ ཤུལ་ དུ་ རང་ གི་ དགོད་ བྲོ་ བའི་ བརྙན་ ཐུང་ ཞིག་ བཞག་ པ་ རེད ། དེ་ ནི་ ཁོང་ འཇིག་ རྟེན་ དང་ ཁ་ བྲལ་ བའི་ རྗེས་ སུ་ ཐོན་ པ་ རེད །
(trg)="1"> Pa , mislila sam :
(trg)="2"> " Govoriću o smrti . "
(trg)="3"> To je , izgleda strast danas .

(src)="2"> " ཧཡེ ་ ང་ ནི་ Art Buchwaldཡིན། ང་ ད་ ལྟ་ རང་ ཤི་ སོང ་ ། "
(trg)="8"> " Zdravo , ja sam Art Bahvald , i upravo sam umro . "

(src)="3"> TEDཡིས་ གོ་ སྐབས་ བསྐྲུན་ པའི་ འགྲུལ་ ཐུང་ ཞིག་ གི་ ནང་ དུ་ ང ་ ( Mike ) ལ ་ ( Galapagos ) རུ་ ཐུག་ བྱུང ་ ། ཁོང་ གིས་ དྲ་ རྒྱའི་ ཀློང་ ཡངས་ སུ ་ རང་ ཉིད་ སྐྲན་ ནད་ ཀྱིས་ མནར་ བར་ གདོང་ ལེན་ གང་ འདྲ་ བྱེད་ ཀྱི་ ཡོད་ མེད་ བྲིས་ བཞག་ གི་ འདུག ། ངའི་ ཕ་ དམ་ པས་ ང་ ལ་ བཞག་ པའི་ ཤུལ་ རྫས་ ནི ་ འཕྲིན་ ཡིག་ དང་ ཟིན་ བྲིས་ དག་ གི་ ནང་ དུ་ ཡོད་ པའི་ ཁོང་ གི་ ཡིག་ གཟུགས་ རེད ། ཁོང་ སྐུ་ སྙུང་ བའི་ མི་ ཚེའི་ ཆེས་ མཐའ་ མཇུག་ གི་ ལོ་ གཉིས་ ཀྱི་ རིང ་ ང་ ལ་ བཟུང་ བའི་ བསམ་ ཚུལ་ ཁག་ འབྲི་ དེབ་ གང་ བྲིས་ འདུག ། ཁོང་ གིས་ ངའི་ ནུས་ པ་ དང ་ ། ཞན་ ཆ ། ཡར་ རྒྱས་ གཏོང་ བའི་ བསམ་ ཚུལ ། ངའི་ མི་ ཚེ་ གསལ་ བའི་ མེ་ ལོང་ ལྟ་ བུའི་ དོན་ རྐྱེན་ དམིགས་ བསལ་ བ་ ཁག་ ཅིག་ ལུང་ དྲངས་ འདུག ། ཁོང་ གྲོངས་ རྗེས་ སུ ། ངས་ ད་ ཆ་ ང་ ལ་ མི་ གཅིག་ གིས་ ཀྱང་ འཕྲིན་ ཡིག་ གཏོང་ གི་ མིན་ པ་ དེ་ རྟོགས་ བྱུང ་ ། ལག་ བྲིས་ ཡིག་ གཟུགས་ ནི་ ཡལ་ བཞིན་ པའི་ སྒྱུ་ རྩལ་ ཞིག་ རེད ། ངས་ གློག་ འཕྲིན་ དང ་ ༼ གློག་ ཀླད་ ཐོག ་ ༽ ཡི་ གེ་ འབྲི་ སྐབས་ བསམ་ བློ་ གཏོང་ རྒྱུར་ མོས་ མཐུན་ ཡོད ། འོན་ ཀྱང ་ ། ཅིའི་ ཕྱིར་ གོམས་ གཤིས་ གསར་ བ་ ཞིག་ གི་ ཆེད་ དུ་ རྙིང་ པ་ དེ་ དོར་ དགོས་ སམ ། ང་ ཚོའི་ མི་ ཚེའི་ ནང་ དུ་ ཅིའི ་་ ཕྱིར་ འཕྲིན་ ཡིག་ དང་ གློག་ འཕྲིན ་ ༼ གཉིས་ ཀ ་ ༽ བྱེད་ མ་ ཐུབ་ པ་ ཡིན་ ནམ ། མཚམས་ རེ་ ངས་ ལོ་ ངོ་ དུ་ མའི་ རིང་ ལ ། བྲེལ་ བའི་ དབང་ གིས་ ཨ་ ཕ་ དང་ མཉམ་ དུ་ བསྡད་ ནས་ ཁ་ བརྡ་ གློད་ རྒྱུ་ མ་ བྱུང་ བ་ དེ ་ དང་ ལུས་ ལ་ ཐེངས་ གཅིག་ འཐམས་ ཁོམ་ བྱེད་ རྒྱུ་ གཉིས་ བརྗེ་ སྒྱུར་ བྱེད་ རྒྱུ་ ཡོད་ ན་ བསམ ། འོན་ ཀྱང ་ ། ད་ འཕྱི་ དྲགས་ པ་ རེད ། ཡིན་ ཡང ་ ། ངས་ འཕྲིན་ ཡིག་ འདི་ ཚོ་ ཕྱི་ ལ་ བཏོན་ ནས་ ཀློག་ སྐབས ། ་ ཁོང་ གི་ ལག་ པར་ ཐུག་ པའི་ ཤོག་ བུ་ འདི་ ངའི་ ཡིན་ པ་ ཚོར་ དུས ་ ང་ ལ་ ཁོང་ དང་ མཉམ་ དུ་ སྤྲེལ་ བའི་ ཚོར་ བ་ བསྐྱེད ། ཕལ་ ཆེར་ ང་ ཚོས་ བུ་ ཕྲུག་ ཚོར ་ རིན་ ཐང་ གི་ ཤུལ་ རྫས་ ཤིག་ འཇོག་ པ་ ལས ། རྒྱུ་ ནོར་ འཇོག་ དགོས་ རྒྱུ་ མ་ རེད ། མི་ དང་ མིར་ སྦྲེལ་ བའི་ རིན་ ཐང་ སྟེ ། སུག་ བྲིས་ འབྲི་ དེབ་ ཅིག་ དང ་ ། རྣམ་ ཤེས་ འཚོལ་ བའི་ འཕྲིན་ ཡིག་ ཅིག ། གལ་ ཏེ་ འདིར་ འདུས་ ཀྱི་ འཇོན་ ནུས་ ལྡན་ པའི ་ ( TED) ཉན་ མཁན་ ཚོས་ ཆ་ ཤས་ ཤིག་ གིས ་ ཡིད་ དུ་ འོང་ བའི་ ཤོག་ བུ་ ཞིག་ ཉོ་ བར་ སྐུལ་ འདེགས་ དང ་ ། ༼ Johnདེ་ ནི་ བསྐྱར་ བཟོ་ བྱས་ པ་ ཞིག་ རེད ། ༽ དེང་ སྟེང ་ རང་ ཉིད་ དུང་ སའི་ མི་ ཞིག་ ལ་ ཡིད་ དུ་ འོང་ བའི་ འཕྲིན་ ཡིག་ ཅིག་ བྲི་ ན ། ང་ ཚོས་ དངོས་ ནས་ གསར་ བརྗེ་ ཞིག་ འགོ་ བཙུགས་ ཡོང ་ ། དེ་ འདྲའི་ འོག་ ང་ ཚོའི་ ཕྲུག་ གུ་ ཚོས་ ཡིག་ གཟུགས་ འབྲི་ རྩལ་ གྱི་ འཛིན་ གྲྭར་ ཞུགས་ སྲིད་ ཀྱི་ རེད ། འོ་ ན ། ངས་ རང་ གི་ བུ་ ལ་ ཤུལ་ རྫས་ འཇོག་ འདོད་ པ་ ག་ རེ་ ཡིན་ ཟེར་ ན ། ངས་ འདིར་ འདུས་ ཀྱི་ རྩོམ་ པ་ པོ་ དག་ གི་ ལག་ ནས་ སུག་ བྲིས་ དཔེ་ དེབ་ མཁོ་ སྒྲུབ་ བྱེད་ ཀྱི་ ཡོད ། ངས་ ཁྱེད་ ཚོས་ རྗེས་ འདེད་ མང་ པོ་ བཏང་ བ་ འདིར་ ཡོད་ ཀྱི་ རྩོམ་ པ་ པོ་ ཚོས་ ཤེས་ ཀྱི་ རེད །
(trg)="9"> A Majk , koga sam upoznala na Galapagosu , na putovanju koje sam osvojila na TED- u , ostavlja poruke na sajber prostoru na kojem piše hroniku o njegovom životu sa rakom .
(trg)="10"> A moj otac mi je ostavio svoje rukopise , pisma i sveske .
(trg)="11"> Za poslednje dvije godine svog života , dok je bio bolestan , ispisao je svesku svojih misli o meni .

(src)="4"> Tracy དེ་ མིན་ འོད་ སྡེརདང ་ ངས་ རང་ གི་ ཟིན་ བྲིས་ དེབ་ ཆུང་ པར་ བསྐྲུན་ བྱེད་ རྩིས་ ཡོད ། ངས་ ཨ་ ཕའི་ ཕུང་ པོ་ མེ་ དཔུང་ གིས་ ནང་ འཐིམས་ པ་ མཐོང་ ཞིང ་ ང་ ཁོང་ གི་ དུར་ ཤིང་ གི་ འགྲམ་ དུ་ བསྡད་ ནས་ སྨྱུག་ ཁ་ གཏད ། ངས་ ཇི་ ལྟར་ བྱེད་ མིན་ ཤེས་ ཀྱི་ མིའདུག་ ཀྱང ་ ། ཨ་ ཕ་ དང་ རང་ གི་ བསམ་ བློ་ རྣམས་ ཕྱོགས་ སྒྲིག་ ཀྱི་ དེབ་ ཅིག་ འདོན་ པའི་ ཆོད་ སེམས་ ཡོད ། པར་ སྐྲུན་ ཟིན་ པའི་ དེབ་ དེ་ ངའི་ བུ་ ཆུང་ ལ་ ཤུལ་ དངོས་ སུ་ འཇོག་ གི་ ཡིན ། ངས་ ཨ་ ཕའི་ སྐུ་ ཕུང་ ཞུགས་ འབུལ་ བྱེད་ ས་ ནས་ བྲིས་ བའི་ ཚིག་ ཕྲེང་ ཁག་ ཅིག་ དང་ མཉམ་ དུ ་ མཇུག་ བསྡུ་ གི་ ཡིན ། སྐད་ རིགས་ སྨྲ་ བ་ ཚོས་ བརྡ་ སྤྲོད་ ཀྱི་ ནོར་ འཕྱུག་ ལ་ གུ་ ཡངས་ གཏོང་ རོགས ། གང་ ལེགས་ ཞེ་ ན ། འདས་ པའི་ ལོ་ ངོ་ ༡༠་ རིང་ ལ་ ངས་ འདི་ ལ་ ལྟ་ རྒྱུ་ བྱུང་ མེད ། ངས་ འདིར་ ཡོང་ ཆེད་ འདི་ ཐོག་ དང་ པོར་ ཕྱིར་ བཏོན་ པ་ ཡིན །
(trg)="25"> Skupljam autobiografske knjige , a autori tih knjiga koji su u publici , znaju da sam ih uznemiravala za knjige -- i CD- ove takođe , Trejsi .
(trg)="26"> Planiram da objavim svoju knjigu .
(trg)="27"> Dok sam gledala kako tijelo moga oca guta plamen , na sahrani sam sjela na lomaču i zapisala .

(src)="5"> " སྒྲོམ་ གྱི་ ནང་ གི་ པར ། དམ་ བུའི་ ནང་ གི་ གོ་ ཐལ ། དམ་ བུའི་ ནང་ དུ་ བསགས་ པའི་ དཔག་ མེད་ ཀྱི་ ནུས་ པས ། ང་ ལ་ བདེན་ དོན་ དང་ གདོང་ གཏད་ བཅུག་ སོང་ ལ ། ང་ རང་ ནར་ སོན་ པའང་ ཤེས་ བཅུག་ སོང ་ ། ངས་ ཁྱེད་ ཐོས་ བྱུང ་ ། ཁྱེད་ ནས་ ང་ སྙིང་ སྟོབས་ ཅན་ བྱེད་ དགོས་ ཀྱི་ ཡོད་ པ་ དེ་ ཧ་ གོ་ གི་ ཡོད་ ཀྱང ་ ། ད་ ལྟ ། ང་ རང་ ཚོར་ བའི་ དྲག་ རླབས་ ཀྱིས ་ འཇིབས་ ཤིང ་ ། མཐའ་ ནས་ བསྐོར་ ལ ། རང་ གི་ རྣམ་ ཤེས་ གཙང་ བཟོ་ བྱེད་ འདུན་ དང ་ ། གཞི་ རྩ་ བརྟན་ པོ་ ཞིག་ གི་ ཐོག་ ཏུ ། ཡང་ བསྐྱར་ ཐེངས་ གཅིག་ ལངས་ ཏེ ། མུ་ མཐུད་ འཐབ་ རྩོད་ དང ་ ། ལས་ རླུང་ འཕྱུར་ བའི་ འབད་ བརྩོན ་ ཁྱེད་ ཀྱི་ ལབ་ པ་ ལྟར་ བྱེད་ ཀྱི་ ཡོད ། ངའི་ རེ་ ཆད་ ཀྱི་ རྦ་ འཁོར་ ཁྲོད་ དུ་ ཡོད་ པའི་ ཁྱེད་ ཀྱི་ སེམས་ ཤུགས་ སྦར་ བའི་ ངག་ ཤུབ་ དག་ གིས ་ བློ་ བདེ་ བག་ ཕེབས་ ཀྱི་ མཚོ་ འགྲམ་ དུ་ བཟུང་ ཞིང་ འདེགས་ བཞིན ། བསྐྱར་ དུ་ འཚོ་ བ་ དང་ བསྐྱུར་ དུ་ དུང་ བའོ ། " བཀའ་ དྲིན་ ཆེ །
(trg)="32"> " Slika u okviru , pepeo u boci , bezgranična energija zatvorena u boci , tjera me da se izborim sa stvarnošću , tjera me da se izborim sa tim da sam odrasla .
(trg)="33"> Čujem te i znam da želiš da budem jaka , ali sada sam usisana dolje , okružena i ugušena ovim razjarenim talasima emocija , žudeći da pročistim svoju dušu , pokušavajući da se ispenjem na čvrstoj osnovi još jednom , da nastavim da se borim i cvjetam kao što si me naučio .
(trg)="34"> Tvoji ohrabrujući šapati u mom vrtlogu očaja drže me i pružaju utočište na obali razuma , da ponovo živim i volim .