# bo/0BhMynRdRIk6.xml.gz
# hy/0BhMynRdRIk6.xml.gz


(src)="1"> Bana ne yaptıysan emin ol hissettim .
(src)="2"> Uzak durmaya çalıştım ama karşında eridim .
(trg)="2"> Aşkından köşe bucak kaçsam da güneş gibi yakarsın beni .

# bo/OuuMzuRbUAIR.xml.gz
# hy/OuuMzuRbUAIR.xml.gz


(src)="1"> ངའི་ བསམ་ བློ་ ཆེན་ པོ་ འདི་ ནི ། བསམ་ བློ་ ཧ་ ཅང་ ཆུང་ ཆུང་ ཞིག་ ཡིན ། བསམ་ བློ་ ཆུང་ ཆུང་ འདིས ་ བསམ་ བློ་ ཆེན་ པོ་ ཐེར་ འབུམ་ མང་ པོའི་ སྒོ་ འབྱེད་ ཐུབ ། བསམ་ བློ་ ཆེན་ པོ་ དེ་ དག་ ནི་ ད་ ལྟ་ ང་ ཚོའི་ སེམས་ སུ་ བག་ ལ་ ཉལ་ ནས་ ཡོད ། དེ་ ལྟར་ བྱེད་ ཐུབ་ པའི་ ངའི་ བསམ་ བློ་ ཆུང་ ཆུང་ དེ་ ནི ་ གཉིད་ ཡིན ། ( དགོད་ སྒྲ ། ) ( ཐལ་ མོ་ རྡེབ་ སྒྲ ། ) ཁང་ མིག་ འདི་ འི་ ནང་ Aརིགས་ ཀྱི་ བུད་ མེད་ རེད ། ཁང་ མིག་ འདིའི་ ནང ་ གཉིད་ ཀྱིས་ མ་ འདང་ བའི་ བུད་ མེད་ ཀྱིས་ གང་ ཡོད ། ངས་ ཐབས་ ལམ་ ཁག་ པོ་ ཞིག་ ལ་ བསྟེན་ ནས ་ གཉིད་ ཀྱི་ རིན་ ཐང་ རྟོགས་ ཡོད ། ལོ་ ངོ་ གཉིས་ དང་ ཕྱེད་ ཀའི་ སྔོན་ ལ ། ང་ རང་ དཀའ་ ལས་ ཁག་ ནས་ དྲན་ པ་ བརྒྱལ་ སོང ་ ། ང་ མདུན་ ལྕོག་ ཐོག་ བརྡབས་ པས ། ངའི་ འགྲམ་ རུས་ བཅག་ སོང ་ ། ངའི་ མིག་ གཡས་ པར་ འཚེམ་ རས་ ལྔས་ བཟོས་ བ་ ཡིན ། དེ་ ནས་ ངས་ གཉིད་ ཀྱི་ རིན་ ཐང་ བསྐྱར་ རྙེད་ བྱེད་ པའི ་ འགྲུལ་ བཞུད་ ཀྱི་ འགོ་ བཙུགས་ པ་ རེད ། བརྒྱུད་ རིམ་ དེའི་ ཁྲོད་ དུ ། ངས་ སློབ་ སྦྱོང་ བྱས་ པ་ དང ་ ། སྨན་ པ་ དང་ ཚན་ རིག་ པར་ ཐུག་ པ་ ཡིན ། ངས་ འདིར་ བརྗོད་ རྒྱུར ། མི་ ཚེ་ དོན་ ཕན་ ལྡན་ པ་ ཞིག་ དང ་ ། སེམས་ འགུལ་ ཐེབས་ པ ། སྤྲོ་ བ་ ཆེ་ བའི་ ལམ་ ནི ་ གཉིད་ འདང་ ངེས་ ཤིག་ ཁུག་ རྒྱུ་ དེ་ རེད ། ( ཐལ་ མོ་ རྡེབ་ སྒྲ ། ) ང་ ཚོ་ བུད་ མེད་ ཚོས ་ གསར་ བརྗེ་ གསར་ པ་ འདི་ དང་ བུད་ མེད་ ཀྱི་ གནད་ དོན་ འདིའི་ འགོ་ འཁྲིད་ ཀྱི་ ཡིན ། ང་ ཚོས་ དངོས་ ཡོད་ ཐོག་ གཉིད་ ཁུག་ ཞིང་ རིམ་ པ་ མཐོ་ ཤོས་ བར་ སླེབས་ རྒྱུ་ ཡིན ། ( དགོད་ སྒྲ ། ) ( ཐལ་ མོ་ རྡེབ་ སྒྲ ། ) གང་ ལགས་ ཤེ་ ན ། ཡིད་ སྐྱོ་ བ་ ཞིག་ ལ ། སྐྱེས་ པ་ ཚོར་ མཚོན་ ན ། གཉིད་ མ་ ཁུག་ པ་ བྱེད་ རྒྱུ་ ནི་ སྐྱེས་ པའི་ མཚོན་ རྟགས་ ལྟ་ བུ་ ཞིག་ ཆགས་ པ་ རེད ། ཉེ་ ཆར་ ངས་ སྐྱེས་ པ་ ཞིག་ དང་ མཉམ་ དུ་ དགོང་ ཟས་ བཟས་ པ་ ཡིན ། ཁོང་ གིས་ འུད་ ཤོབ་ ཆེན་ པོས ་ ཁོང་ ལ་ ཆུ་ ཚོད་ ༤་ རིང་ གི་ གཉིད་ མ་ གཏོགས་ རག་ མ་ སོང་ ཟེར ། ངས་ ཁོང་ ལ་ སྐད་ ཆ་ ཞིག་ བཤད་ འདོད་ སྐྱེས་ ཀྱང་ བཤད་ མེད ། ངས་ བཤད་ འདོད་ པ་ ནི ། " ཁྱེད་ ནས་ མཁྱེན་ ཀྱི་ ཡོད་ དམ ། གལ་ ཏེ་ ཁྱེད་ ལ་ ཆུ་ ཚོད་ ལྔའི་ རིང་ གི་ གཉིད་ ཁུག་ རྒྱུ་ བྱུང་ ཡོད་ ན ། དགོང་ ཟས་ འདི་ དེ་ ལས་ ལྷག་ པའི་ སྤྲོ་ བ་ འཕེལ་ བ་ ཞིག་ ཡོང་ བ་ ཡོད ། " ( དགོད་ སྒྲ ། ) དེང་ གཉིད་ ཆག་ གི་ རིགས་ གསར་ བ་ ཞིག་ གིས ་ རང་ ཉིད་ གཞན་ ལས་ ཁྱད་ དུ་ འཕགས་ པ་ ཡིན་ པ་ སྟོན་ ཐབས་ བྱེད་ རྒྱུ་ དེ་ ཡིན ། ལྷག་ པར་ དུ ། འདི་ ག་ ཝ་ ཤིང་ ཊོན་ དུ་ ཁྱེད་ ཀྱིས་ ཞོགས་ ཟས་ བཟའ་ བའི་ དུས་ ཚོད་ བགོས་ ཚེ ། ཁྱེད་ ནས ་ " ཆུ་ ཚོད་ ༨་ པ་ གང་ འདྲ་ འདུག" ཅེས་ དྲིས་ ན ། ཁོང་ ཚོས་ ཕལ་ ཆེར ་ " ཆུ་ ཚོད་ ༨་ པ་ ང་ ལ་ མཚོན་ ན་ འཕྱི་ དྲགས་ འདུག་ ལབ་ གི་ རེད ། འོན་ ཀྱང ་ ། མི་ འགྲིག་ མི་ འདུག ། ངས་ ཊེ་ ནས་ སི་ བརྩེད་ མོ་ ཐེངས་ གཅིག་ བརྩིས་ ཏེ ། ཁ་ པར་ བརྒྱུད་ ཚོགས་ འདུ་ ཁག་ ཅིག་ བྱས་ རྗེས་ ཆུ་ ཚོད་ ༨་ གྱི་ ཐོག་ ཏུ་ ཐུག་ ཆོག ། " ཁོང་ ཚོས་ བསམ་ པར་ དེས ་ ཁོང་ ཚོ་ ནི་ ཧ་ ཅང་ བྲེལ་ བ་ ཚ་ བོ་ དང ་ ། གྲུབ་ འབྲས་ སྟོན་ མཁན་ ཡིན་ པ་ མཚོན་ གྱི་ རེད་ བསམ ། ཡིན་ ཡང ་ ། དངོས་ ཡོད་ ཐོག་ དེ་ འདྲ་ མིན ། གང་ ལེགས་ ཞེ་ ན ། ད་ སྐབས་ ང་ ཚོར ་ ཚོང་ ལས་ དང ་ ། དཔལ་ འབྱོར ། ཆབ་ སྲིད་ བཅས་ ཀྱི་ ཐད་ དུ ་ འགོ་ ཁྲིད་ ཁྱད་ དུ་ འཕགས་ པ་ ཡོད་ ལ ། ཐག་ གཅོད་ ཞེད་ སྣང་ ཚ་ བོ་ དེ་ འདྲ་ བྱེད་ ཀྱི་ ཡོད ། རིག་ པ་ རྣོ་ བའི་ ཚད་ གཞི་ མཐོ་ བ་ དེས ་ ཁྱེད་ རང་ འགོ་ ཁྲིད་ ཡག་ པོ་ ཞིག་ ཡིན་ པ་ མཚོན་ མི་ ཐུབ ། གང་ ལེགས་ ཞེ་ ན ། འགོ་ ཁྲིད་ ཀྱི་ དོན་ སྙིང་ པོ་ ནི ། ཊཡེ་ ཊ་ ནིགསི་ གྲུ་ གཟིངས་ བརྡབ་ སྐྱོན་ མ་ བྱུང་ བའི་ སྔོན་ དུ ་ འཁྱགས་ རོམ་ མཐོང་ ཐུབ་ རྒྱུ་ དེ་ རེད ། ང་ ཚོར་ ཊཡེ་ ཊ་ ནིགསི་ གྲུ་ གཟིངས་ ལ་ གཞུ་ མཁན་ གྱི་ འཁྱགས་ རོམ ་ ཧ་ ཅང་ མང་ པོ་ ཡོད་ པ་ རེད ། དངོས་ ཡོད་ ཐོག་ ང་ ལ་ འདི་ འདྲའི་ ཚོར་ བ་ ཞིག་ ཡོད་ མྱོང ་ ། གལ་ ཏེ་ ལེ་ མན་ བུ་ སྤུན་ ཚོང་ ལས་ དེ ་ ལེ་ མན་ མིང་ སྲིང་ གཉིས་ ཀྱི་ ཚོང་ ལས་ ཡིན་ ཡོད་ རྒྱུ་ ན ། ཁོང་ ཚོ་ ད་ དུང་ འཚོ་ ནས་ ཡོད་ རྒྱུ་ རེད ། ( ཐལ་ མོ་ རྡེབ་ སྒྲ ། ) བུ་ སྤུན་ ཚང་ མ་ བྲེལ་ བའི་ སྒོ་ ནས ་ ཉིན་ མཚན་ ལྟོས་ མེད་ དུ་ འབྲེལ་ བ་ ཉར་ རྒྱུ་ ཙམ་ བྱེད་ བཞིན་ ཡོད་ སྐབས ་ སྲིང་ མོ་ ཞིག་ གིས་ འཁྱགས་ རོམ་ ཡོད་ པ་ མཐོང་ ཡོད་ སྲིད་ པ་ རེད ། གང་ ལེགས་ ཞེ་ ན ། ཁོ་ མོ་ ཆུ་ ཚོད་ ༧དང་ ༣༠་ འམ་ ༨་ ཙམ་ གྱི་ གཉིད་ ནས་ ཡར་ ལངས་ ནས ། རི་ མོ་ ཆེན་ པོ ་ ༼ མཐོང་ རྒྱ་ ཆེ་ བ ་ ༽ དེ ་ མཐོང་ ཐུབ་ ཡོད་ རྒྱུ་ རེད ། ང་ ཚོས་ གདོང་ གཏད་ བཞིན་ པའི ་ དཀའ་ རྙོག་ འདྲ་ མིན་ སྣ་ ཚོགས ་ ད་ ལྟའི་ འཇིག་ རྟེན་ འདིར་ ཁྱབ་ ཆེ་ བས ། མི་ སྒེར་ གྱི་ ཐད་ ནས་ ཅི་ ཞིག་ བཟང་ གི་ རེད ། ཅི་ ཞིག་ གིས་ ང་ ཚོར་ སྤྲོ་ བ་ དང ་ ། དྲིན་ ཤེས ། ཕན་ ཐོགས་ ལྡན་ པ་ ཞིག་ མི་ ཚེའི་ ནང་ དུ་ འཁྱེར་ ཡོང་ གི་ རེད ། ང་ ཚོའི་ མདུན་ ལམ་ ལ་ བཟང་ བ་ དེ་ ནི ། འཛམ་ གླིང་ ལ་ ཡང་ བཟང་ བ་ རེད ། དེར་ བརྟེན ། ངས་ ཁྱེད་ ཚོར་ རེ་ སྐུལ་ ཞུ་ རྒྱུར ། ཁྱེད་ རྣམས་ ནས་ མིག་ བཙུམས་ ཏེ ། རང་ གི་ རྒྱུད་ དུ་ ཡོད་ པའི་ བསམ་ བློ་ རླབས་ ཆེན་ དེ ་ གསར་ རྙེད་ བྱེད་ ཐབས་ དང ་ ། རང་ གི་ འཕྲུལ་ འཁོར་ ཨ་ མ་ སྒོ་ བརྒྱབ་ ཏེ ། གཉིད་ ཀྱི་ སྟོབས་ ཤུགས་ ཚོལ ། བཀའ་ དྲིན་ ཆེ ། ༼ ཐལ་ མོ་ རྡེབ་ སྒྲ ། ༽
(trg)="1"> Իմ մեծ գաղափարը , որն իրականում շատ շատ փոքր միտք է , որը կարող է ճանապարհ հարթել միլիարդավոր մեծ գաղափարների համար , որոնք այս պահին քնած են մեր մեջ :
(trg)="2"> Եվ իմ փոքր գաղափարը´ քունն է :
(trg)="3"> ( Ծիծաղ ) ( Ծափահարություններ )

# bo/Rjrs5kCtKiYa.xml.gz
# hy/Rjrs5kCtKiYa.xml.gz


(src)="1"> ཞོགས་ པ་ བདེ་ ལེགས ། སྐར་ མ་ གཅིག་ གི་ ཡུན་ ལ་ འུ་ ཅག་ གིས་ སྐྱེས་ བུ་ ཆེན་ པོda Vinci་ ལ་ ཅིག་ བལྟ་ ཡོང ་ ། འོ་ སྐོལ་ ཁོང་ གི་ བརྩམས་ ཆོས་ རླབས་ ཆེན་ བ་ དག་ སྟེ ་ ཁོང་ གི་ རི་ མོ་ དང ་ ། གསར་ གཏོད ། བྲིས་ རྩོམ་ ལ་ ཆ་ རྒྱུས་ ཡོད་ ཀྱི་ རེད ། ཡིན་ ཡང་ ཁོང་ གི་ ཞལ་ རས་ ག་ འདྲ་ ཡིན་ མིན་ ཧ་ གོ་ ཡི་ མེད ། ཁོང་ གི་ སྐོར་ གྱི་ དེབ་ ཁྲི་ སྟོང་ མང་ པོ་ ཞིག་ ཡོད་ ནའང ་ ། ཁོང་ གི་ ཞལ་ རས་ ཐད་ མི་ རྣམས་ ཀྱི་ ལྟ་ ཚུལ་ མི་ མཐུན ། བྲིས་ སྐུ་ འདི་ ལྟ་ བུ་ ལའང་ སྒྱུ་ རྩལ་ ལོ་ རྒྱུས་ སྨྲ་ བ་ མང་ པོས་ ཁས་ ལེན་ གྱིན་ མེད ། ད་ བྱས་ ན ། ཁྱེད་ ཀྱིས་ ག་ རེ་ བསམ་ གྱི་ འདུག འདི་ ཁོང་ གི་ ཞལ་ རས་ དེ་ ཡིན་ སྲིད་ དམ ། འུ་ ཚོས་ བརྟག་ པར་ བྱ ། ཁོང་ ནི་ ཉེ་ འཁོར་ གྱི་ བྱ་ དངོས་ འབྲི་ བར་ མཁས་ པ་ ཞིག་ རེད ། ཁོས་ མི་ དང ་ ། ལུས་ པོ ། སྐྱེ་ དངོས ། སྲོག་ ཆཊ ། ཡུལ་ ལྗོངས ། བཟོ་ སྐྲུན ། གཙང་ ཆུ་ སོཊ་ མང་ པོ་ བྲིས་ མྱོང་ པ་ རེད ། ཡིན་ ཡང་ གདོང་ རིས་ འབྲི་ མ་ མྱོང་ ངམ་ ཞེ་ ན ། འདི་ ཅུང་ ཡིད་ ཆེས་ དཀའ་ བ་ ཞིག་ རེད ། ཁོའི་ དུས་ མཉམ་ གྱི་ རི་ མོ་ བ་ ཚང་ མས་ སོ་ སོའི་ གདོང་ རིས་ བྲིས་ མྱོང་ ཡོད ། འདི་ དག་ རེད ། དྲང་ མོར་ རམ་ ཡང3/ 4གྱི་ གདོང་ ཟུར་ ནས་ བྲིས་ འདུག བྱས་ ཙང་ ཁོང་ ལྟ་ བུའི་ རི་ མོ་ ལ་ བློ་ བཀལ་ བ་ ཞིག་ གིས་ ཀྱང ་ ལན་ རེར་ རང་ ཉིད་ རི་ མོ་ བྲིས་ ཡོད་ ཤག་ ཤག་ ཡིན ། དེས་ ན་ འུ་ ཚོས་ ལྷན་ དུ་ བལྟ་ ཡོང ་ ། ང་ ཚོས་ ཁོང་ གི་ བརྩམས་ ཆོས་ ཚང་ མར་ ཞིབ་ ཏུ་ བལྟས་ ནས ། དེའི་ ཁྲོད་ རང་ བྲིས་ བཙལ་ ནས་ ཁོང་ གི་ ཞལ་ རས་ རྙེད་ ཐུབ་ ཀྱི་ རེད་ སྙམ ། དེར་ བརྟེན ། ངས་ ཁོང་ གི་ རི་ མོ་ ཁ་ ཚང་ ལ་ ལྟ་ ཡག་ བྱས་ པ་ ཡིན ། ༧༠༠ལྷག་ འདུག དེ་ ལས་ སྐྱེས་ པའི་ རི་ མོ་ དག་ བཙལ་ བ་ ཡིན ། ད་ ཆ་ མཐོང་ ཐུབ་ པ་ ལྟར ། རི་ མོ༡༢༠རྙེད་ བྱུང ་ ། འདི་ ལས་ གང་ དག་ ཁོང་ གི་ རང་ བྲིས་ ཡིན་ སྲིད་ དམ་ ཞེ་ ན ། གོང་ དུ་ རིག་ པ་ ལྟར ། རང་ བྲིས་ ནི་ ངེས་ པར་ ཐད་ ཀའམ3/ 4གྱི་ ཟུར་ བྲིས་ ཡིན་ དགོས་ པས ། གདོང་ ཕྱེད་ འདྲ་ རིས་ གཞན་ དག་ ཚང་ མ་ ཕར་ དོར་ ཆོག རང་ བྲིས་ ཡིན་ ན་ ཡིན་ གཅིག་ ཞིབ་ ཆ་ ཡོད་ དགོས་ པར་ བརྟེན ། འུ་ ཚོས་ མི་ གསལ་ བའམ་ ཉམས་ ཐལ་ ཆེ་ བ་ དག་ ཀྱང་ ནང་ ནས་ དོར་ ཆོག ཞོར་ དུ ། འུ་ ཚོས་ ཁོང་ དང་ དུས་ མཉམ་ པའི་ མི་ རྣམས་ ལས་ ཤེས་ ཐུབ་ པ་ ཞིག་ ནི ། ཁོང་ ནི་ ལྟ་ བཟོ་ དོད་ པ ། ཡིད་ དུ་ འོང་ བ་ ཞིག་ ཡིན་ འདུག བྱས་ ན ། འུ་ ཚོས་ འདིའི་ ནང་ གི་ མདོག་ ཉེས་ དེ་ ཚོ་ ཡང་ དོར་ ཆོག་ འདུག ༼ དགོད་ སྒྲ ༽ ད་ བྱས་ ན ། ཆ་ རྐྱེན་ ལོངས་ པའི་ རི་ མོ་ གསུམ་ ལྷག་ འདུག ད་ འདི་ གསུམ་ ག་ རེད ། དངོས་ འབྲེལ ། བགྲེས་ པོའི་ རི་ མོ་ འདིའང་ ནང་ གི་ གཅིག་ རེད ། མིང་ དུ་ གྲགས་ པའི་ ཞ་ སྨྱུག་ རི་ མོ༼ ཝེ་ ཐི་ ལི་ ཝེ་ མི༽ ཡང་ ནང་ དུ་ འདུག མཐའ་ མ་ དེ ། ཁོང་ གི་ སྐྱེས་ པའི་ སྣུམ་ ཚོན་ གཅིག་ པུ༼ རོལ་ མོ་ བ༽ ཟེར་ བ་ དེ་ རེད ། གདོང་ རིས་ འདི་ དག་ མ་ དཔྱད་ གོང ་ ངར་ འདི་ ཚོ་ བཤད་ དབང་ ཡོད་ པའི་ ཐད་ ནས་ སྐད་ ཆ་ ཁ་ ཤས་ ཞུ་ གི་ ཡིན ། ངས་ མིའི་ རི་ མོ༡༡༠༠ལྷག་ བྲིས་ མྱོང ་ ། དེ་ ཚོ་ ཡང་ ཚགས་ ཤོག་ དུས་ དེབ་ ལ་ བྲིས་ པ་ ཡིན ། ལོ༢༠༠- ༣༠་ རེད ། དགོངས་ དག ལོ་ སུམ་ ཅུ་ འགོར་ སོང ་ ། ༼ དགོད་ སྒྲ ༽ རི་ མོ༡༡༠༠ལྷག་ རེད་ དཱ ། གདོང་ རིས་ འདི་ ཙམ་ འབྲི་ མྱོང་ མཁན་ ཉུང་ ཉུང་ ཡིན ། དེ་ བས ། ང་ རི་ མོ་ དང་ གདོང་ རིས་ དབྱེ་ ཞིབ་ ཐད་ ཏོག་ ཙམ་ ཤེས་ ཀྱི་ ཡོད ། རེད ། ད་ འུ་ ཚོས་ བྲིས་ རིས་ འདི་ གསུམ་ ལ་ བལྟ ། ཡག་ པོར་ ཙོག་ སྡོད་ ཨཱ ། གདོང་ རིས་ འདི་ དག་ ཆེ་ རུ་ བཏང་ ན ། ང་ ཅག་ གིས་ འདི་ ཚོ་ ཚང་ མའི་ དཔྲལ་ ཞེང་ ཆེ་ ལ ། སྨིན་ མ་ དྲང་ བ ། སྣ་ གཟེངས་ སུ་ མཐོ་ བ ། མཆུ་ ཀྱོག་ པ ། མ་ ནེ་ ཆུང་ ལ་ ཟླུམ་ པ་ ཤེས་ ཐུབ ། ངས་ འདི་ དག་ ཐོག་ མར་ མཐོང་ དུས་ རང་ གི་ མིག་ ལའང་ ཡིད་ མི་ ཆེས་ པ་ ཞིག་ རེད ། རི་ མོ་ འདི་ ཚོ་ འདི་ འདྲ་ སེ་ གཅིག་ པ་ གཅིག་ རྐྱང་ རེད ། འུ་ ཚོས་ རང་ བྲིས་ ཀྱི་ ཁྱད་ ཆོས་ ཡོད་ པའི་ བྲིས་ རིས་ བཙལ་ པ་ རེད་ ལ ། ལྟོས་ དང ་ ། འདི་ ཚོ་ ཨ་ ན་ མ་ ན་ རེད ། ད་ གནད་ དོན་ ནི ། འདི་ དག་ དུས་ ཀྱི་ གོ་ རིམ་ ལྟར་ བྲིས་ པ་ ཡིན་ མིན་ དེ་ རེད ། གཞོན་ ནུའི་ རི་ མོ་ འདི་ བྲིས་ པ་ སྔ་ ཤོས་ ཡིན་ སྲིད ། མ་ ཟད ། ཁྱེད་ ཅག་ གིས་ རི་ མོ་ འདི་ དག་ བྲིས་ པའི་ ལོ་ ཚིགས་ ལས ་ མ་ གཞི་ དངོས་ འབྲེལ་ དེ་ ལྟ་ བུ་ ཡིན་ པ་ ཧ་ གོ་ ཡོང ་ ། དེ་ དག་ དུས་ ཀྱི་ སྔ་ ཕྱི་ ལྟར་ བྲིས་ པ་ ཡིན་ འདུག དེས་ ནda Vinciཡིས་ རི་ མོ་ འདི་ དག་ འབྲི་ དུས་ ལོ་ ན་ ག་ ཙམ་ ཡིན་ ནམ ། རི་ མོའི་ ནང་ གི་ མི་ དང་ མཉམ་ མམ ། རེད ། ཏན་ ཏན་ རེད་ བཞག ཁོས་ རི་ མོ་ འདི་ དག་ འབྲི་ དུས་ སོ་ སོར་ ལོ༣༣དང ་ ། ༣༨ ། ༦༣རེད ། བྱས་ ན་ རི་ མོ་ འདི་ གསུམ་ ཀ་ མི་ གཅིག་ གི་ བྲིས་ རིས་ ཡིན་ མདོག་ ཁ་ པོ་ རེད ། དེར་ མ་ ཟད ། རི་ མོ་ ནང་ གི་ མི་ དང་ da vincaན་ ཟླ་ རེད ། ཡིན་ ནའི ། མི་ དེda Vinciལས་ གཞན་ མ་ ཡིན་ པ་ ག་ འདྲ་ བྱས་ ཧ་ གོ་ བ་ ཡིན་ ཟེར་ ན ། དངོས་ འབྲེལ་ རེད ། འུ་ ཅག་ ལ་ ཁུངས་ ལུང་ ཞིག་ དགོས་ ཀྱི་ འདུག འདི་ ནི་ ཀུན་ གྱིས་ ཁས་ ལེན་ པའིda Vinciཡི་ འདྲ་ པར་ གཅིག་ པུ་ དེ་ རེད ། འདྲ་ སྐུ་ འདིDavid Verrocchio བཞེངས་ པ་ རེད ། ལོ༡༥ཡིན་ པའིda Vinci་ དཔེ་ བྱས་ པ་ རེད ། གལ་ ཏེ་ འུ་ ཚོས་ སྐུ་ འདྲ་ འདིའི་ གདོང་ དང ་ ད་ གིན་ གྱི་ རོལ་ མོ་ བ་ དེའི་ གདོང་ གཉིས་ བསྡུར་ ན ། འདྲ་ བའི་ ཆ་ དེ་ ཚོ་ སླར་ ཡང་ རྙེད་ ཐུབ་ པས ། འདྲ་ སྐུ་ འདི་ དཔྱད་ གཞིར་ བཟུང ། da Vinciདང་ ཐོབ་ ཐང་ དང ་ གདོང་ རིས་ འདི་ གསུམ་ གཅིག་ ཏུ་ སྦྲེལ་ བ་ ཡིན་ ན ། ལྕམ་ དང་ སྐུ་ ཞབས་ རྣམ་ པ ། གཏམ་ རྒྱུད་ འདི་ ད་ སྔ་ ད་ དུང་ བསྒྲགས་ མྱོང་ ཡོད་ མ་ རེད་ དེ ། དེ་ རིང་ ཁྱེདTEDལྟ་ མཁན་ ལྷན་ རྒྱས་ ལ་ སྔོན་ ལ་ བསྒྲགས་ ན་ འཚམ་ པ་ འདྲ ། སྐྱེས་ ཆེན་ ནང་ གི་ སྐྱེས་ ཆེན་ དེ་ ལ་ གཞི་ ནས་ ཞལ་ ཁྱིམ་ ཡོད་ བྱུང ་ ། ཁོང་ ནི ། ལེ་ ནོར་ ཊི་ ཏ་ ཧྥིན་ ཁི་ རེད ། ༼ ཐལ་ མོ་ རྡེབ་ སྒྲ ༽
(trg)="1"> Բարի օր :
(trg)="2"> Եկեք մի պահ նայենք բոլոր ժամանակների մեծագույն հանճարին´ Լեոնարդո դա Վինչիին :
(trg)="3"> Մեզ բոլորիս հայտնի են նրա զարմանահրաշ աշխատանքները´ նրա գծանկարները , նկարները , գյուտերն ու գրվածքները :