# bo/rY73qSHwHxse.xml.gz
# gn/rY73qSHwHxse.xml.gz


(src)="1"> ང་ བརྩི་ བའི་ མི་ མང་ པོས་ དམག་ ཆེན་ དང་ པོའི་ སྐོར་ གྱི་ ཉམས་ ཞིབ ་ ལ་ སྐབས་ རེ་ ཏོག་ ཙམ་ མགོ་ རྙོག་ ཅིག་ ཡིན་ པ་ ཚོར་ ཡོད ། རྒྱུ་ མཚན་ ནི་ དམག་ ཆེན་ དང་ པོ་ ལ་ འཁྲིད་ པའི་ དེ་ དུས་ ཀྱི་ འཛམ་ བུ་ གླིང ་ དེང་ སང་ གི་ འཛམ་ བུ་ གླིང་ ལས་ མི་ འདྲ་ བ་ ཆགས་ བསྡད་ ཡོད ། ང་ ཚོ་ གནས་ པའི་ དེང་ དུས་ ཀྱི་ འཛམ་ བུ་ གླིང་ དེ་ ཚད་ གཞི་ གང་ འཚམ་ ཞིག ་ དམག་ ཆེན་ དང་ པོ་ གཞིར་ བྱས་ ཏེ་ བཀོད་ སྒྲིག་ བྱས་ ཡོད ། ཨ་ ནི ། རྗེས་ ལ་ དམག་ ཆེན་ གཉིས་ པ་ གཞིར་ བྱས་ ཏེ་ བཟོ་ བཀོད་ བྱས་ ཡོད ། དེང་ དུས་ ཀྱི་ འཛམ་ བུ་ གླིང་ གི་ རྣམ་ པ་ ག་ འདྲས་ ཡིན་ པ་ ཤེས་ ཡག་ ཆེད་ དུ་ དང ་ ། ཨ་ ནི ། ཁྱད་ པར་ དུ་ འདི་ དེང་ དུས་ ཀྱི་ ཡོ་ རོབ་ ག་ འདྲས་ ཡོད་ པ ་ ཧ་ གོ་ ཡག་ ཆེད་ དུ་ འདི་ དེང་ དུས་ ཡོ་ རོབ་ ཀྱི་ ས་ བཀྲ་ ཡིན ། འདི་ ནི ་ ཡིན་ ན་ ཡང་ རྒྱུན་ སྲོལ་ གྱི་ ས་ བཀྲ་ ཚབ་ དུ་ བསམ་ བློ་ ལ་ འབབ་ ཡག་ གི་ ས་ བཀྲ ་ འདིར་ ནམ་ རྒྱུན་ ཁྱེད་ རང་ གིས་ མཐོང་ ཡག་ ནི་ རྒྱལ་ ཁབ་ ཀྱི་ ས་ མཚམས་ ཅིག ་ མཐོང་ གི་ ཡོད ། - འདིར་ ཐིག་ སྐྱ་ བོ་ ཆུང་ ཆུང་ ལ་ རྒྱལ་ ཁབ་ ཀྱི་ ས་ མཚམས་ ཡོད་ རེད ། འདི་ ཚོས་ ཕ་ རན྄ས྄་ ཀྱི་ ས་ མཚམས་ ག་ པར་ རྫོགས་ པ་ སྟོན་ གྱི་ ཡོད ། ཨ་ ནི ། སུཡིས྄་ ཡང་ ན་ ཇར྄་ མན྄་ ཡང་ ན་ ཨི་ ཊ་ ལི་ ག་ ནས་ འགོ་ འཛུག་ པ་ སྟོན་ གི་ ཡོད ། དེའི་ སྒང་ ལ་ སྐད་ རིགས་ ག་ པར་ བེད་ སྤྱོད་ བྱེད་ ཀྱི་ ཡོད་ པ་ ང་ ཚོས་ མཐོང་ གི ་ རེད ། འདི་ ཕ་ རན྄ས྄་ ཀྱི་ སྐད་ ག་ པར་ བེད་ སྤྱོད་ བྱེད་ ཀྱི་ ཡོད་ པ་ གཙོ་ བོར་ བྱེད་ པ་ དང ། ཇར྄་ མན྄་ གྱི་ སྐད་ ག་ པར་ བེད་ སྤྱོད་ བྱེད་ པ་ གཙོ་ བོར་ བྱེད་ ཀྱི་ ཡོད ། ཁྱེད་ རང་ ལ་ དོན་ སྣང་ འབྱུང་ ཡག་ ནི་ སྔ་ ཕྱི་ བར་ གསུམ་ ཡོ་ རོབ་ ཕལ་ ཆེ་ བ་ ལ ། དེང་ དུས་ ཀྱི་ ས་ མཚམས་ དེ་ སྐད་ རིགས་ ག་ པར ་ བེད་ སྤྱོད་ བྱེད་ ཀྱི་ ཡོད་ པ་ དང་ ཕལ་ ཆེར་ མཚུངས་ ཀྱི་ ཡོད ། འདིར་ ས་ ཁུལ་ ཁ་ ཤས་ ཞིག་ ལ་ སྐད་ རིགས་ ཀྱི་ བར་ མཚམས་ འཕྲལ་ ནས་ བསྡད ་ ཡོད་ པ ། དཔེར་ ན་ ཀ་ ཏ་ ལེན་ དང་ སེ་ པེ་ ནིཤ྄ ། དངོས་ འབྲེལ་ ལ་ དེ་ རྩོད་ གཞིའི་ ཁ་ ཕྱོགས་ ཞིག་ ལ་ འགྲོ་ བཞིན་ ཡོད ། རྒྱལ་ ཁབ་ ཀྱི་ ས་ མཚམས་ དང ། སྐད་ རིགས་ ཀྱི་ ས་ མཚམས ། གང་ ལྟར་ ཀྱང་ དེང་ དུས་ ཀྱི་ ཡོ་ རོབ་ ཕལ་ ཆེ་ བ་ ནང་ ལ ། ཡང་ ན་ རྒྱལ་ འབངས་ ཀྱི་ ས་ མཚམས་ ཕལ་ ཆེར་ མཚུངས་ ཀྱི་ ཡོད ། གལ་ ཏེ་ དམག་ ཆེན་ དང་ པོ་ ནང་ ལ་ འཛུལ་ བཞིན་ པའི་ འཛམ་ བུ་ གླིང་ ལ ་ རྒྱབ་ ཤིག་ རྒྱབ་ ན་ དེའི་ སྐབས་ ཀྱི་ གནས་ སྟངས་ བེད་ དེ་ མི་ འདྲ་ བ་ རེད ། ས་ མཚམས་ ཁ་ ཤས་ ཞིག་ ང་ ཚོས་ ངོས་ འཛིན་ བྱེད་ ཀྱི་ ཡོད ། ང་ ཚོས་ དབྱིན་ ཇི་ གཅིག་ སྒྲིལ་ རྒྱལ་ ཁབ་ ངོས་ འཛིན་ བྱེད་ ཀྱི་ ཡོད ། རྗེས་ ལ་ ཨཻར་ ལེན྄ཌ྄་ ནི་ ཁག་ ཁག་ བྱས་ ནས་ བསྡད་ ཡོད ། ཡིན་ ན་ ཡང་ དེང་ སང་ གི་ དབྱིན་ ཇི་ གཅིག་ སྒྲིལ་ རྒྱལ་ ཁབ་ དང་ ཁྱད་ པར ་ ཞེ་ དྲག་ མེད་ པ་ ངོས་ འཛིན་ བྱེད་ ཀྱི་ ཡོད ། སེ་ པེན་ ནི་ ཁྱད་ པར་ དེ་ འདྲ་ ཆེན་ པོ་ ཡོད་ མ་ རེད ། ཕ་ རན྄ས྄་ དེ་ འདྲ་ ཁྱད་ པར་ ཆེན་ པོ་ ཡོད་ མ་ རེད ། ཇར་ མ་ ནི་ ཏོག་ ཙི་ ཁྱད་ པར་ བྱུང་ ཡོད་ རེད ། ཨི་ ཊ་ ལི་ དེ་ འདྲ་ ཁྱད་ པར་ ཆེན་ པོ་ ཡོད་ མ་ རེད ། དངོས་ འབྲེལ་ བྱས་ ན ། གལ་ ཏེ་ ཇར་ མ་ ནི་ ལ་ ཆ་ བཞག་ ན ། ཇར་ མན་ གྱི་ རྒྱལ་ ཁམས ། དམག་ ཆེན་ དང་ པོ་ ནང་ ལ་ འཛུལ་ བའི་ སྐབས ། ཇར་ མན྄་ དང་ ཨུ་ རུ་ སུའི་ དབར་ འགོ་ སྟོད ་ ༡༩༠༠ དང ་ ༡༩༡༤ ཡས་ མས་ ཙམ་ ལ ། ཨུ་ རུ་ སུའི་ རྒྱལ་ ཁམས་ ཀྱིས་ སྐད་ རིགས་ མི་ འདྲ་ བའི་ རིགས་ མང་ པོ་ ཁྱུར་ མིད ་ བཏང་ བ་ རེད ། ད་ ལྟ་ དེ་ ཚོ་ ལ་ སོ་ སོའི་ རང་ བཙན་ རྒྱལ་ ཁབ་ ཡོད་ རེད ། གཞན་ པ་ ནི་ ཁྱེད་ རང་ ཚོས་ དོན་ སྣང་ ཡོང་ ས་ ཨཽས྄་ ཌ྄རི་ ཡ ་ - ཧང་ གེ་ རི་ ཡ་ ལབ་ ཀྱི་ རེད ། ཡོངས་ གྲགས་ ལབ་ ཡག་ ནི་ ཨཽས྄་ ཌ྄རོ ་ - ཧང་ གེ་ རི་ ཡེན་ རྒྱལ་ ཁམས་ ལབ་ ཀྱི་ རེད ། ཁྱེད་ རང་ གསལ་ ཤེས་ རེད ། ང་ ཨཽས྄་ ཌ྄རི་ ཡ་ དང་ ཧང་ གེ་ རི་ ཡའི་ མིང་ ཚིག་ ཡོད་ པའི་ རྒྱལ་ ཁབ ་ འདི་ ཚོ་ ལ་ འདྲིས་ ཆེན་ པོ་ ཡོད ། ཨཽས྄་ ཊ྄རོ ་ - ཧང་ གེ་ རི་ ཡེན྄་ རྒྱལ་ ཁམས་ ལ་ འདྲིས་ ཆེན་ པོ་ མེད ། ཨཽས྄་ ཌ྄རོ ་ - ཧང་ གེ་ རི་ ཡེན྄་ རྒྱལ་ ཁམས་ འདི་ ག་ རེ་ རེད ། འདི་ སྐོར་ ལ་ བློ་ ལ་ འཐད་ པོ་ ག་ རེ་ ཡོད་ རེད་ ཟེར་ ན་ དེ་ དུས་ དངོས་ གནས་ དེ ་ རྒྱལ་ ཁམས་ ཞིག་ ཆགས་ བསྡད་ ཡོད ། དེས་ མི་ རིགས་ དེ་ ཚོས་ སྐད་ རིགས་ མི་ འདྲ་ བ་ བེད་ སྤྱོད་ བྱས་ པ་ དང ་ དེ་ ལ་ མི་ རིགས་ མི་ འདྲ་ བ་ ཚང་ བསྡད་ ཡོད་ པ་ ཚང་ མ་ གཅིག་ འདུས་ བྱེད་ ཡག ་ བེད་ བརྩོན་ བྱེད་ ཡོད ། དེ་ ལྟ་ བུའི་ ཨཽས྄་ ཊ྄རོ ་ - ཧང་ གེ་ རི་ ཡེན྄་ རྒྱལ་ ཁམས་ འདིས ་ དམག་ ཆེན་ དང་ པོའི་ ནང་ ལ་ འཁྲིད་ ཀྱི་ ཡོད ། གལ་ སྲིད་ ང་ ཚོས་ དམག་ ཆེན་ དང་ པོ་ ག་ འདྲས་ སེ་ འགོ་ འཛུགས་ པ་ ཤེས་ པ་ ལ ་ འབད་ བརྩོན་ བྱེད་ འདོད་ ཡོད་ ན ། ཕལ་ ཆེར་ ཨཽས྄་ ཊ྄རོ ་ - ཧང་ གེ་ རི་ ཡེན྄་ རྒྱལ་ ཁམས་ ཀྱི ་ གནད་ དོན་ ཤེས་ པ་ གལ་ ཆེན་ ཞིག་ ཡིན ། ག་ རེ་ བྱས་ ནས་ ཟེར་ ན་ དམག་ ཆེན་ དང་ པོར་ འཁྲིད་ པའི་ ཨཽས྄་ ཊ྄རོ ་ - ཧང་ གེ་ རི་ ཡེན྄་ རྒྱལ་ ཁམས་ ཀྱིས ་ སྦོས྄་ ནི་ ཡ་ དང་ ཧེར྄་ ཛེ་ སྒོ་ ཝི་ ནཱ་ མངའ་ འོག་ དུ་ འདུས་ པ་ རེད ། དེ་ ནི་ ང་ ཚོ་ མང་ ཆེ་ བ་ ལ་ མགོ་ རྙོག་ པོ་ ཞིག་ ཡིན ། དེ་ ནི་ དོན་ དངོས་ ལ་ རྒྱལ་ ཁབ་ གཅིག་ ཡིན ། དེ་ ལ ་ སྦོས྄་ ནི་ ཡ་ དང་ ཧེར྄་ ཛེ་ སྒོ་ ཝི་ ནཱ་ ཟེར་ གྱི་ ཡོད ། ཡང་ ན་ ངའི་ ཚོད་ དཔག་ ལ་ ཨོས྄་ ཌ྄རོ ་ - ཧང་ གེ་ རི་ ཡེན་ བྱས་ པ་ ཡིན་ ན ་ ད་ གཟོད་ རྒྱལ་ ཁམས་ དེས་ མངའ་ འོག་ དུ་ འདུས་ པའི་ མངའ་ ཁུངས་ གཅིག་ ཡིན ་ པ་ ཡིན ། གལ་ ཏེ་ ཁྱེད་ རང་ གིས་ སྐད་ རིགས་ ཀྱི་ ས་ བཀྲ་ ལ་ ལྟ་ དུས་ བསམ་ བློ་ ལ་ འཐད་ པོ ་ ཡོད་ པ་ ག་ རེ་ ཡོད་ རེད ། ཁྱེད་ རང་ གིས་ མཐོང་ ཡག་ ལ་ འདིར་ ས་ ཁུལ་ ཡོངས་ རྫོགས་ ལ་ སྐད་ རིགས་ འདྲ ་ བོ་ བེད་ སྤྱོད་ བྱེད་ ཀྱི་ ཡོད ། སར྄་ སྦི་ ཡེན྄་ གྱི་ ཡུལ་ སྐད ། ཀོ་ རེ་ ཡེ་ ཤིན྄་ དང་ སྦོས྄་ ནི་ ཡེན྄་ གྱི་ ཡུལ་ སྐད ། དེ་ ཚོ་ ཚང་ མ་ སྐད་ རིགས་ དང་ མི་ རིགས་ ཀྱི་ ཆ་ ནས་ འབྲེལ་ བསྡད་ ཡོད་ རེད ། འདིར་ ཡོད་ པའི་ ས་ ཁུལ་ ཚང་ མ་ སྐད་ རིགས་ དང་ མི་ རིགས་ ཀྱི་ ཆ་ ནས་ གཅིག་ ལ ་ གཅིག་ མཐུད་ བྱས་ ནས་ ཆགས་ བསྡད་ ཡོད ། འདིས་ མི་ རིགས་ དང་ སྐད་ རིགས་ ཀྱི་ རྒྱབ་ ལྗོངས་ དང་ མཐུན་ པའི་ མི་ མང ་ མཐུད་ པ་ བྱེད་ ཀྱི་ ཡོད ། རྒྱུ་ རྐྱེན་ དེས་ དམག་ ཆེན་ དང་ པོའི་ རྐྱེན་ ངན་ བྱུང་ ཡོད ། ཕྱོགས་ གཞན་ ནས་ བཤད་ ན་ དེས་ དམག་ ཆེན་ དང་ པོར་ མེ་ ཚག་ ལྟ་ བུ་ རྒྱབ་ ཡོད ། དེ་ ལྟ་ བུའི་ གནས་ སྟངས་ ལ་ སྐབས་ རེ་ མི་ ཚོས་ པཽ་ ཌར྄་ ཀེག་ ཟེར་ གྱི་ ཡོད ་ ( གནས་ སྟངས་ ཞེད་ སྣང་ ཚ་ བོ་ དྲག་ པོའི་ ངོ་ བོར་ འགྱུར་ བ་ ལ་ པཽ་ ཌར྄་ ཀེག ་ ཟེར ། ) དེ་ ནི་ དམག་ ཆེན་ དང་ པོ་ ཡིན ། གཞན་ པ་ བེད་ དེ་ མི་ འདྲ་ བ་ ནི་ དེང་ སང་ ང་ ཚོས་ རྒྱུ་ ཡོད་ ཞེ་ དྲག་ མེད་ པའི ་ ལུང་ པ་ ཡང་ ན་ རྒྱལ་ ཁབ་ ཡང་ ན་ རྒྱལ་ ཁམས་ ནི་ ཨོ་ ཊོ་ མན྄་ གྱི་ རྒྱལ་ ཁམས་ ཡིན ། གལ་ ཏེ་ ང་ ཚ་ དེ་ རིང་ ཕྱིན་ པ་ ཡིན་ ན ། ང་ ཚོས་ ཊར྄་ ཀིའི་ རྒྱལ་ ཁབ་ མཐོང་ གི་ རེད ། དེ་ ནི་ ཨ་ ན་ ཊོ་ ལིཡིན྄ ་ - པེ་ ནིན྄་ སུ་ ལ་ སྒང་ ལ་ ཡོད ། འདི་ ཊར྄་ ཀི་ རེད ། འདི་ དེང་ དུས་ ཀྱི་ ཊར྄་ ཀི་ ཡིན ། ༡༩༡༤ ལོར་ དམག་ ཆེན་ དང་ པོ་ ནང་ དུ་ ཞུགས་ སྐབས ། ཊར྄་ ཀི་ ནི ་ ཨོ་ ཊོ་ མན྄་ རྒྱལ་ ཁམས་ ཀྱི་ དུམ་ བུ་ མེད་ དུ་ མེད་ རུང་ བ་ ཆགས་ ཡོད ། ཨོ་ ཊོ་ མན྄་ རྒྱལ་ ཁམས་ གང་ འདྲས་ ཡོད་ པ་ དེ་ འདིར་ ཡོད ། རག་ ཚོད་ བྱས་ པ་ ཡིན་ ན་ འདིར་ ཡོད་ པའི་ དེང་ དུས་ ཀྱི་ ཊར་ ཀི ། ཡིན་ ན་ ཡང་ དེང་ དུས་ ཀྱི་ ཌར་ ཀི་ དེ་ ཨོ་ ཊོ་ མན྄་ རྒྱལ་ ཁམས་ ཀྱི་ ནང་ ལ་ ཚུད་ ཡོད ། དེང་ དུས་ ཀྱི་ དབུ་ ཤར་ ཁ་ ཆེ་ རྒྱལ་ ཁབ་ ཕལ་ ཆེ་ བ་ རྒྱལ་ ཁམས་ དེའི་ ནང་ ལ་ ཚུད ་ ཡོད ། ཁྱད་ པར་ དུ་ ཨ་ རབ྄་ འཛམ་ བུ་ གླིང་ ཕལ་ ཆེ་ བ ། དཔེར་ ན ། སི་ རི་ ཡ ། ཨི་ རག྄ ། ལེ་ སྦེ་ ནན྄ ་ - དེང་ དུས་ ཀྱི་ ཨིས྄་ རེལ་ གྱི་ ས་ ཆ་ ཕལ་ ཆེ་ བ ་ - སཽ་ སྡི་ ཨ་ ར་ སྦི་ ཡའི་ ས་ ཆ་ ཁ་ ཤས ་ - དེ་ དུས་ ཨོ་ ཊོ་ མན྄་ རྒྱལ་ ཁམས་ ཀྱི་ སྲིད་ གཞུང་ ཉམས་ པའི་ སྐབས་ ཡིན ། དུས་ ཚོད་ ཆེ་ སྒང་ དེ་ འདྲས་ སྐབས་ འདིས་ ཁ་ ཆེའི་ འཛམ་ བུའི་ གླིང་ ཕལ་ ཆེ་ བ ་ དབང་ སྒྱུར་ བྱས་ པ་ ཡིན ། འདིས་ བྱང་ ཨཕ྄་ རི་ ཀ་ འདིར་ ཁྱེད་ རང་ གང་ མཐོང་ བ་ ཚང་ མ་ དབང་ སྒྱུར་ བྱས ་ པ་ ཡིན ། ཨ་ ནི ། ཐ་ ན་ ཏོག་ ཙམ་ པར྄་ སི་ ཡ་ དང་ སྦལ྄་ ཀན྄ས྄ ། ལྷོ་ ཤར་ ཨོ་ རོབ྄་ དང་ ཐ་ ན་ སྒི་ རིས྄་ ཨོ་ ཊོ་ མན྄་ རྒྱལ་ ཁམས་ ཀྱི་ ཆེ་ སྒང་ ཆགས ་ བསྡད་ ཡོད ། ད་ ང་ འདས་ པའི་ ལོ་ བརྒྱའི་ སྔོན་ གི་ སྐོར་ ལ་ སྐད་ ཆ་ བཤད་ ཀྱི་ ཡོད ། ང་ ཚོ་ དམག་ ཆེན་ དང་ པོ་ ལ་ འཛུལ་ དུས ། ང་ ཚོ་ ལ་ སྐད་ རིགས་ ཡང་ ན ་ མི་ རིགས་ ཀྱི་ ས་ མཚམས་ ཀྱིས་ ཚད་ འཛིན་ བྱས་ པའི་ མི་ མང་ དང་ རྒྱལ་ ཁབས ་ མེད ། དེ་ དུས་ ཚད་ གཞི་ གང་ འཚམ་ ལ་ ང་ ཚོ་ ལ་ རྒྱལ་ ཁམས་ དེ་ ཚོ་ ཡོད ་ དེ་ ག་ ནང་ བཞིན་ ང་ ཚོ་ དུས་ རབས་ བཅུ་ དགུ་ ནས་ ཕྱིར་ ཐོན་ ཡོད ། ཨ་ ནི ། དཔེར་ ན་ ཨས྄་ ཊ྄རོ ་ - ཧང་ གེ་ རི་ ཡན྄་ ནང་ བཞིན ་ རྒྱལ་ ཁམས་ དེ་ ཚོ་ ཡོ་ རོབ་ ཙམ་ ལ་ བྱུང་ ཡོད་ མ་ རེད ་ - གཞན་ ཡང་ དཔེར་ ན་ ཨོ་ ཊོ་ མན྄་ རྒྱལ་ ཁམས་ ནང་ བཞིན ། རྒྱལ་ ཁམས་ དེ་ ཚོ་ དབུས་ ཤར་ ཁ་ ཆེ་ རྒྱལ་ ཁབ་ ནང་ གཅིག་ པུ་ ལ་ བྱུང་ ཡོད་ མ ་ རེད ། འདིར་ ཡོད་ པ་ དེ ། དེ་ འདྲའི་ དུས་ ཚོས་ ཡས་ མས་ ཙམ ་ གྱི་ རྒྱལ་ ཁམས་ ཀྱི་ ས་ བཀྲའི་ གྲས་ ཡིན ། ཨ་ ནི ། འདིར་ ཕལ་ ཆེར་ ཁྱེད་ རང་ གིས་ མཐོང་ པའི ་ ཤུགས་ ཆེ་ བའི་ རྣམ་ པ་ ནི་ དབྱིན་ ཇིའི་ རྒྱལ་ ཁམས་ ཡིན ། ཟིང་ སྐྱའི་ རྒྱ་ ཁྱོན་ ནང་ ཡོད་ པ་ དེ་ དབྱིན་ ཇི་ ཡིན ་ - དེ་ དབྱིན་ ཇི་ གཅིག་ སྒྲིལ་ རྒྱལ་ ཁབ་ ཡིན ་ - དབྱིན་ ཇི་ ཆེན་ པོ་ ནི་ གླིང་ ཕྲན་ དེ་ ཙམ་ ཡིན ། ཁྱེད་ རང་ ཨཻར་ ལེན྄ཌ྄་ ལ་ གཡུག་ པ་ ཡིན་ ན ། ཁྱེད་ རང་ དབྱིན་ ཇི་ གཅིག་ སྒྲིལ་ རྒྱལ་ ཁབ་ ལ་ སླེབས་ པ་ ཡིན ། དེ་ དུས་ དབྱིན་ ཇི་ ཆེན་ པོས་ རྒྱ་ གར་ གྱི་ གླིང་ ཆེན་ ཡོངས་ སུ་ རྫོགས་ པ ་ དབང་ དུ་ བསྡུས་ ཡོད ། ཐ་ སྙད་ ཙམ་ དུ་ དེ་ དུས་ ཨི་ ཇིཔ྄ཊ྄་ གང་ ལ་ གང་ འཚམ་ གྱིས་ རང་ བཙན་ ཡིན ་ ཡང་ འདིར་ དབྱིན་ ཇི་ ཆེན་ པོའི་ ཤུགས་ རྐྱེན་ ཆེན་ པོ་ ཡོད ། མངོན་ གསལ་ ཆེན་ པོར་ དཔེར་ ན་ ས་ ཁུལ་ ཀེ་ ན་ ཌ་ དང་ ཨཽས྄་ ཊར྄་ ལི་ ཡ་ དང ་ ནིཡུ་ ཛི་ ལེན྄ཌ྄་ དེ་ ཚོ་ དབྱིན་ ཇིའི་ རྒྱལ་ ཁམས་ ཀྱི་ དབང་ འོག་ དུ་ ཡོད་ པ་ དང ་ ཡང་ ན ། དབྱིན་ ཇིའི་ རྒྱལ་ ཁམས་ ཀྱི་ ཆ་ ཤས་ ཡིན ། དབྱིན་ ཇིའི་ རྒྱལ་ ཁམས་ ཀྱི་ ཆ་ ཤས་ ཡིན ། ཨཕ྄་ རི་ ཀའི་ གྲངས་ འབོར་ མང་ པོ་ ཞིག་ ཡང་ དབྱིན་ ཇིའི་ མངའ་ འོག་ དུ་ བསྡད ་ ཡོད ། ང་ ཚོས་ དམག་ ཆེན་ དང་ པོ་ ལ་ འཚང་ ཀ་ རྒྱག་ པ་ དེ་ རྒྱལ་ ཁམས་ ཀྱི་ ཆེད་ དུ ་ མགྱོགས་ འགྲན་ བྱེད་ པ་ ལྟ་ བུ་ ཡིན ། གཞན་ ཡང་ ཡོ་ རོབ་ ཀྱི་ ནུས་ མཐུ་ གཙོ་ ཆེ་ དབར་ གོ་ མཚོན་ ཡག་ ཤོས་ རག་ ཡག ་ གི་ འགྲན་ སྡུར་ ཞིག་ བྱུང་ ཡོད ། ཁྱད་ པར་ དུ་ ཁྱེད་ རང་ ལ་ དབྱིན་ ཇི་ ཆེན་ པོ་ ཡང་ ན་ མཉམ་ འབྲེལ ་ དབྱིན་ ཇིའི་ རྒྱལ་ ཁབ་ ཡོད ། མངོན་ གསལ་ ཆེན་ པོར་ དེ་ ལ་ ཧ་ ཅང་ ཆེ་ བའི་ རྒྱལ་ ཁམས་ ཞིག་ ཡོད ། ཉི་ མ་ དེ་ དབྱིན་ ཇིའི་ རྒྱལ་ ཁམས་ ལ་ ནམ་ ཡང་ ནུབ་ པ་ མེད་ ཅེས་ བཤད་ སྲོལ་ ཡོད ང་ ཚོ་ འདིར་ མཐོང་ པ་ བཞིན་ རྒྱལ་ ཁམས་ འདི་ ལ་ ཉི་ མ་ ནམ་ ཡང་ ནུས་ པ་ མེད ། ཨ་ ནི ། ་ ཇར྄་ མན྄་ རྒྱལ་ ཁམས་ ཀྱིས་ ཀྱང་ ཤ་ སྒྲིམ་ རྐྱང་ བཀུམ་ བྱེད་ ཡག་ དང་ དམག ་ ཤུགས་ རྒྱ་ སྐྱེས་ བྱེད་ ཡག་ འགོ་ འཛུགས་ པ་ ཡིན ། ཨ་ ནི ། དབྱིན་ ཇིས་ དམག་ ཤུགས་ རྒྱ་ སྐྱེས་ བྱས་ པ་ དེ་ ཇར྄་ མན྄་ གྱིས་ མཐོང་ པ་ བཞིན ། ཇར྄མན྄་ གྱིས་ དམག་ ཤུགས་ རྒྱ་ སྐྱེས་ བྱེད་ པ་ ལ་ འདོད་ པ་ མང་ ང་ བྱས་ པ་ ཡིན ། ཨ་ ནི ། གོ་ མཚོན་ ཡག་ ཤོས་ རག་ ཡག་ གི་ འགྲན་ སྡུར་ བྱུང་ པ་ ཡིན ། ཨ་ ནི ། དེ་ དུས་ ཁོ་ ཚོ་ ཚང་ མས་ སོ་ སོའི་ རྒྱལ་ ཁམས་ བཟོ་ ཡག་ ལ ་ འབད་ བརྩོན་ བྱས་ པ་ ཡིན ། དེར་ བརྟེན་ དེ་ དུས་ ཇར྄་ མན྄་ ཚོ་ ཨཕ྄་ རི་ ཀ་ ལ་ སྟངས་ འཛིན་ བྱས་ པ་ ཡིན ། དེ་ དུས་ ཨཕ྄་ རི་ ཀ་ མང་ ཆེ་ བ་ ལ་ ཕེ་ རེན྄ཆ྄་ གིས་ སྟངས་ འཛིན་ བྱས་ པ་ ཡིན ། སྐབས་ དོན་ འདིའི་ སྐོར་ ཚང་ མ་ ཁྱེད་ རང་ གིས་ དྲན་ གསོ་ བ་ བྱེད་ དགོས་ རེད ། དེ་ དུས་ རྒྱལ་ ཁམས་ ཁ་ ཤས་ གོང་ འཕེལ་ གཏོང་ བ་ དེ་ དྲང་ པོ་ ཞུས་ ན་ ང་ ཙམ་ དང ་ ། སོ་ སོའི་ ཤུགས་ རྐྱེན་ ཁྱབ་ གདལ་ བཏང་ པ་ ཙམ་ ཡིན ། དེ་ ཚོ་ མང་ ཆེ་ བ་ མི་ རིགས་ མི་ འདྲ་ བའི་ ལྟ་ བ་ ལ་ གཞི་ རྟེན་ བྱས་ ཡོད ། དེ་ ཚོ་ མང་ ཆེ་ བ་ མི་ རིགས་ མི་ འདྲ་ བའི་ ལྟ་ བ་ ལ་ གཞི་ རྟེན་ བྱས་ ཡོད ། ང་ ཚོ་ གང་ ལ་ གནས་ པའི་ འཛམ་ བུ་ གླིང་ ལ་ ཐོན་ ཁུངས་ མང་ པོ་ ཡོད་ རེད ། ཁྱད་ པར་ དུ་ དངོས་ པོ་ རྗེན་ པ་ དང་ དམིགས་ བསལ་ དུ་ སྣུམ་ ཡོད་ རེད ། ཐོན་ ཁུངས་ ལ་ སྙོབ་ ས་ ཡོད་ མེད་ ཀྱིས་ དབང་ ཚད་ ཡོད་ མེད་ ཀྱི་ འགྲེལ ་ བཤད་ བྱས་ ཐུབ་ ཀྱི་ ཡོད ། སོང་ ཙང་ ངའི་ རེ་ བར་ དམག་ ཆེན་ དང་ པོའི་ སྐོར་ ལ་ མ་ འགྲོ་ གོང་ ལ་ ང་ ཚོ་ ལ ་ དེའི་ སྐབས་ ཀྱི་ གནས་ སྟངས་ ཀྱི་ སྐོར་ ལ ་ གོ་ རྟོགས་ ཀྱི་ རྨང་ གཞི་ ཡག་ པོ་ ཞིག་ བྱུང་ ཡོད །
(trg)="1"> Багато людей , у тому числі і я виявляють , що вивчення Першої світової війни часом видається досить заплутаним і , на мою думку , причиною тому є те , що світ напередодні Першої світової був зовсім не таким , яким він є зараз .
(trg)="2"> Якось мірою , сучасний світ , в якому ми живемо зараз великою мірою був сформований у час Першої та згодом Другої світових війн .
(trg)="3"> Аби отримати уявлення як виглядає сучасний світ -- та в особливості сучасна Європа --